系在琴弦上的恋情
玛曲扎才
999
00:0000:00
དྲན་གདུང་གི་ཁ་བའི་ཀློང་ནས།།
ཤུགས་དྲག་གི་ཚོར་བ་རྣོན་པོས།།
འདས་ཟིན་ལ་ཕྱི་མིག་འཕངས་ན།།
སྐྱོ་གར་གྱི་འདབ་མ་འཐོར་ཡོང་།།
མཚན་གུང་གི་རྨི་ལམ་ཀློང་ནས།།
ལོ་ཟླ་ཡིས་འདྲིས་པའི་ཤིང་ལོ།།
དྲན་འདུང་གི་རྩ་བ་ལྷུང་དུས།།
དཔྱིད་གསར་ལ་སྨོན་ལམ་བཏབས་ཡོད།
སེམས་རྩེ་བའི་འདབ་མ་དམར་བོ།།
ནང་དུང་བའི་སྦུབས་སུ་ཚུད་དུས།།
རང་སེམས་འདི་གསོ་ཐབས་ཤིག་ལ།།
སྐད་དམའ་མོའི་གླུ་འདི་ཤོར་སོང་།།
འདས་ཟིན་ལ་ཕྱི་མིག་འཕངས་ན།།
སྐྱོ་གར་གྱི་འདབ་མ་འཐོར་ཡོང་།།
སྐྱོ་གར་གྱི་འདབ་མ་འཐོར་ཡོང་།།
སྐྱོ་གར་གྱི་འདབ་མ་འཐོར་ཡོང་།།