阿妈
扎木拉
999
00:0000:00
ཨ་མ།མི་ཡི་ལྷ་མོ།བརྩེ་བའི་བདག་མོ།
དལ་འབྱོར་མི་ལུས་རིན་ཆེན།།ཨ་མ་ཁྱེད་ཀྱིས་གནང་ཡོད།།
མི་ཚེའི་བརྩེ་བའི་ཐོག་མ།།ཨ་མ་ཁྱེད་ལས་ཐོབ་ཡོད།།
དྲིན་འདི་གླུ་ལ་བཀུག་ན།། སྙན་མོ་སྐད་ཀྱིས་མི་ཁུགས།།
དྲིན་འདི་གླུ་ལ་བཀུག་ན།། སྙན་མོ་སྐད་ཀྱིས་མི་ཁུགས།།
ཨ་མ།མི་ཡི་ལྷ་མོ།བརྩེ་བའི་བདག་མོ།
སེམས་ཁྲལ་ཆེ་མ་ཆུང་གསུམ།། ཨ་མ་ཁྱེད་ལ་གཏད་ཡོད།།
དྲིན་ལན་གཞལ་མཐའ་མེད་ཅིག། ཨ་མ་ཁྱེད་ལ་ཆད་ཡོད།།
དྲིན་འདི་ཡིད་ལ་ཤར་ན།། སེམས་ཀྱི་ནང་ལ་མི་ཤོང་།།

ཨ་མ། མི་ཡི་ལྷ་མོ། བརྩེ་བའི་བདག་མོ།
ཟས་གོས་གང་ཡག་གང་ཞིམ།།ཨ་མ་ཁྱེད་ཀྱིས་གནང་ཡོད།།
གཅེས་པའི་སྲོག་གི་ཡན་ཞིག།ཨ་མ་ཁྱེད་ཀྱིས་གཅེས་ཡོད།།
དྲིན་འདི་གཟུགས་སུ་ཤར་ན།།འཇིག་རྟེན་ཁམས་ལ་མི་ཤོང་།།